头朝下的生活

评分:
6.0 还行

原名:Head Over Heels又名:

分类:喜剧 / 动画 / 短片 /  英国  2012 

简介: 经历多年的婚姻生活,沃尔特和玛琪的差别越来越大,两人渐行渐远。沃尔特住在地板上,

更新时间:2018-05-16

头朝下的生活影评:མགོ་བོ་ཐུར་དུ་དཔྱངས་པའི་འཚོ་བ།

མགོ་བོ་ཐུར་དུ་དཔྱངས་པའི་འཚོ་བ།
བགྲང་བྱ་མང་བོའི་རིང་ལ་ཁྱིམ་ཐབ་གཅིག་གི་སྐྱ་ཡར་ཆགས་པའི་ཝལ་ཐེར་དང་མཱ་ཌེ་གཟའ་ཟླ་གཉིས་ནི།འཁོར་བའི་འགྲོས་སྟབས་ཁྲོད་ནས་བར་ཁྱད་ཇེ་ཆེར་འགྲོ་བ་ནི་གདོང་གི་རྒས་གཉེར་ཇེ་མང་དུ་འགྲོ་བའི་བབ་དང་ཡོངས་སུ་བསྟུན་ཞིང་།ལོ་ཟླའི་བཞུར་རྒྱུན་གྱིས་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་འཁྱེར།ཁོང་རྒན་རྒོན་གཉིས་ཀྱིས་སྡོད་ཤག་གཅིག་ཏུ་གནས་བཅས་ཡོད་མོད་ཕན་ཚུན་ཁ་ཕྲལ་བའི་འཚོ་བ་རོལ་ཡོད་དེ།ཝལ་ཐེར་གྱིས་གོ་ཁ་རུ་ལས་ཀ་ལས་བཞིན་པ་དང་མཱ་ཌེ་ཡིས་གནམ་གདན་དུ་ངལ་གསོ་བྱེད་ཀྱིན་མཆིས།མཉམ་འགྲོ་ཐིག་གཅིག་གི་སྟེང་དུ་གནས་པའི་ཁོང་གཉིས་ཀྱིས་ནམ་ཞར་ཁ་བརྡ་ཚིག་གཅིག་ཀྱང་མི་གློད་པར་མ་ཟད།ཐ་ན་ཕན་ཚུན་ལ་སོའང་བྱེད་ཀྱིན་མེད།ཉིན་ཞིག་ལ་ཝལ་ཐེར་གྱིས་ལོ་མང་བོའི་རིང་ལ་བདག་པོ་མ་བརྒྱབ་པའི་གཉེན་སྟོན་གྱི་དྲན་རྟེན་དེ་མཐོང་ཙ་ན།ལོ་ཟླ་མང་བོའི་གཏིང་རིམ་དུ་འདས་ཟིན་ཞིང་ཡུན་རིང་དུ་གཟིམ་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་དག་བསྐྱར་དུ་བསྒྲོན་ན་བསམ་མོད། དོན་དག་འདི་ཡིས་ཡུན་རིང་བོར་ལྷིང་འཇགས་སུ་གནས་པའི་ཁོང་གཉིས་ཀྱི་འཚོ་བ་ས་དཀྲུགས་རྡོ་དཀྲུགས་བྱས་སོང་།ཕན་ཚུན་གདངས་གཅིག་ཏུ་འཁེལ་མེད་པའི་གཟའ་ཟླ་འདི་གཉིས་ཀྱིས་དོན་དམ་ལམ་བུ་གང་འདྲ་ཞིག་གདམ་ན།ད་གཟོད་བརྩེ་བས་བཏུམ་ཞིང་རོ་བཅུད་མངར་བའི་འཇིག་རྟེན་པའི་འཚོ་བའི་རྣམ་བཞག་སྐྱོང་ཐུབ་བམ།
འགུལ་རིས་བརྙན་ཐུང་འདི་ནི་ཏི་མོ་ཐེ་རཱེ་ཁར་ཐིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་འཁྲིད་གནང་བ་ཡིན་ཞིང་།དབྱིན་ཇིའི་རྒྱལ་ཁབ་གློག་བརྙན་བརྙན་འཕྲིན་སློབ་གླིང་གི་སློབ་མ༡༡གི་སྣེ་འཁྲིད་དེ་ཟླ་བ་༡༤རིང་ལ་ཕབ་བསྐྲུན་བྱས་མཐར་ལེགས་འགྲུབ་བྱུང་བ་ཡིན།གློག་བརྙན་འདི༢༠༡༣ལོར་ཨོ་སི་ཀའི་འགུལ་རིས་བརྙན་ཐུང་རྩེ་གྲའི་རྣམ་གྲངས་སུ་ཚུད་མྱོང་ཡོད།

头朝下的生活的相关影评

头朝下的生活
鱼儿 • 无题

下载电影就来比兔TV,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!

Copyright © 2025 比兔TV