[清空]播放记录
་མཐོང་སྣེ།
དྲི་ཞིམ་རྩྭ་ཞེས་པའི་དངོས་བཤུས་གློག་བརྙན་ལ་བལྟས་པའི་མྱོང་ཚོར།
2020.3.12 ལྷ་བུ་གཅོད་པ།
དང་པོ།
གློག་བརྙན་དང་ཁ་བྱང་གི་འབྲེལ་བ།
དྲི་ཞིམ་རྩྭ་ཞེས་པའི་དངོས་བཤུས་གློག་བརྙན་འདིས་ཁ་བྱང་གི་ཆ་ཙམ་ལ་བལྟས་པས་ཀྱང་ཡངས་བའི་རྩྭ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པར་བསམ་པའི་ངེས་ཤེས་ཤིག་བློ་ལ་འདྲེན་ནུས་ལ།རྩྭ་དང་ཕྱུགས་ཟོག་དབར་གྱི་འབྲེལ་བ་དེ་ཕན་ཚུན་མེད་ན་མི་ཆོག་པའི་འབྲེལ་གཞི་ཞིག་གྲུབ་ཡོད་པ་མ་ཡིན་ནམ།དེ་བས་དངོས་བཤུས་གློག་བརྙན་འདིས་ཁ་བྱང་དང་ནང་དོན་ཀྱི་ལའང་འབྲེལ་བ་ངེས་ཅན་ལྡན་པ་དེའོ།།
གཉིས་པ།
1ཕྱི་ནང་གི་འབྲོག་པའི་ཁྱད་པར།
དྲི་ཞིམ་རྩྭ་ཞེས་པའི་གློག་བརྙན་འདི་ནི་འབྲོག་ལས་དང་འབྲེལ་བའི་དངོས་བཤུས་གློག་བརྙན་ཞིག་ཡིན་ལ།དངོས་བཤུས་གློག་བརྙན་འདི་ནི་ཉིས་སྟོང་གསུམ་ལོའི་དབྱར་ཁར་ཕྱུགས་རྫི་ཁག་ཅིག་གིས་ལུག་ཁྱུ་དེད་ནས་ནུས་ཤུགས་ཡོད་རྒུས་ལུག་རྣམས་བོར་བརླག་ཏུ་མི་འགྲོ་བ་དང་། ནགས་ཚལ་ཁྲོད་བཀྲེས་ལྟོགས་ཀྱིས་མནར་བའི་སྤྱང་ཁྱུ་དང་དོམ་ཆེན་གྱི་འཇིགས་སྐུལ་མི་ཕོག་པ་བྱས་ནས་ཨ་རིའི་ཆེས་ནུབ་རྒྱུད་ཀྱི(蒙大拿州的熊牙山)་མོང་ཏ་ན་ཁུལ་གྱི་ཞུང་ཡ་ཧྲན་རི་རྒྱུད་ལས་བདེ་བླག་ངང་སྒྲོལ་པའི་གནས་ཚུལ་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཡིན་ལ།དངོས་བཤུས་གློག་བརྙན་འདིས་བརྙན་མིག་རེ་རེ་ལས་བོད་ཀྱི་འབྲོག་པ་དང་ཕྱིའི་འབྲོག་པའི་འཚོ་བའི་ཁྱད་པར་དང་ཧེ་བག་མངོན་གསལ་དོད་པོས་ཕྱེས་ཡོད་ལ།
(1)ཕྱིའི་འབྲོག་པའི་འཚོ་བ་རོལ་སྟངས།
ཕྱི་རྒྱལ་གྱི་ཕྱུགས་འཚོ་སྟངས་ནི་བོད་ཀྱི་འབྲོག་པ་དང་ཧེ་བག་ཆེན་པོ་ཡོད་ལ།དེ་ནི་ཕྱིའི་འབྲོག་པ་དག་གིས་ཕྱུགས་འཚོ་དུས་རྫི་ཁྱིའི་རམ་འདེགས་གཙོ་བོར་བསྟེན་བཞིན་ཡོད་ལ།དྲི་ཞིམ་རྩྭའི་ནང་མི་འབྲོག་པ་དག་གིས་མ་མཐའ་ཡང་རྫི་ཁྱི་བཅུ་གྲངས་ཁྲིད་ནས་ཕྱུགས་འཚོ་བཞིན་ཡོད་ལ།ད་དུང་ཕྱུགས་འདེད་དུས་མི་གྲངས་ཀྱང་ཅུང་མང་པོས་འདེད་བཞིན་ཡོད་ལ།དེ་དག་གི་ལག་ཏུ་(对讲器)གླེང་ཆས་བཟུང་ནས་ཁ་བརྡ་བྱས་ཏེ་ལུག་ཁྱུའི་གནས་ཚུལ་འདྲི་བཞིན་ཡོད།དེ་ནི་ལུག་མང་པོ་འཚོ་དགོས་པའམ་འདེད་དགོས་པས་རྒྱུ་མཚན་གྱིས་ཀྱང་ཡིན་པར་བསམ།དེ་མིན་ཕྱིའི་འབྲོག་པ་དེ་དག་གིས་ཁལ་རྣམས་རྟ་དྲེད་ལ་དགལ་ཡོད་ལ།ལུག་གི་སྟེང་དུ་ཨང་རྟགས་ཀྱང་བཀོལ་ཡོད་ལ།ད་དུང་བཟའ་བཏུང་གི་ཕྱོགས་ནས་འདྲ་བོ་མི་འདུག ཕྱིའི་འབྲོག་དེ་དག་གིས་བག་ལེབ་གཙོ་བྱས་པའི་དཀར་ཟས་ཀྱི་རིགས་དེ་གཙོ་བོར་བསྟེན་པ་འདྲ།འདི་དག་ནི་ཕྱི་ནང་གི་འབྲོག་པའི་ཁྱད་པར་གཙོ་བོ་དེ་ཡིན།
(2)བོད་ཀྱི་འབྲོག་པའི་འཚོ་བ་རོལ་སྟངས།
བོད་ཀྱི་འབྲོག་པའི་འཚོ་བ་རོལ་སྟངས་ཞེས་བཤད་ན་རྒྱ་ཆེ་བར་སྣང་བས་རྒྱུ་མཚན་གྱིས་ང་ལྟ་བུའི་བཤད་ཀྱང་མི་ཤེས།དེས་ཕྱིར་ངའི་རང་གི་ཡུལ་ལུང་གི་འབྲོག་པའི་འཚོ་བ་རོལ་སྟངས་དེ་དྲི་ཞིམ་རྩྭ་ཞེས་པའི་དངོས་བཤུས་གློག་བརྙན་ནང་གི་འབྲོག་པའི་འཚོ་བ་རོལ་སྟངས་དང་བསྡུར་ནས་བཤད་པར་བྱ།མཚོ་སྔོན་པོའི་བྱང་འབྲོག་རྣམས་ལ་མཚོན་ན་དཔྱིད་ཟླ་གསུམ་པའི་ཟླ་མཇུག་ལ་རུ་བ་གནས་སྤོ་བྱས་ཏེ་སྟོན་ས་དང་དེ་ནས་དབྱར་སར་གནས་སྤོ་བྱེད་པའི་སྲོལ་ཞིག་གནའ་ནས་ད་བར་དུ་རྒྱུན་འཁྱོངས་བྱས་ཡོད།དབྱར་ས་ནས་ཕྱིར་སྟོན་ས་དང་དེ་ནས་རིམ་བཞིན་དགུན་སར་སྤོ་བའི་སྲོད་ཅིག་ཀྱང་ངང་ངམ་ཤུགས་ཀྱིས་རྒྱུན་འཁྱོངས་བྱས་ཏེ་ཡོང་བ་མ་ཡིན་ནམ།འདི་ནི་རྩྭ་གྲོན་ཆུང་བྱེད་ཐབས་ཤིག་གམ་ཡང་ན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རིག་གནས་ཤིག་ཡིན་ཞེས་བཤད་ན་མི་ཆོག་པ་མེད་པར་འདོད།དེ་བས་ཀྱང་འབྲོག་པ་རྣམས་གནའ་ནས་ད་བར་དུ་འཚོ་གཞེས་གནང་ཐུབ་པར་གྱུར་བའི་འཚོ་གཞེས་བྱེད་ཐབས་ཤིག་ཡིན་པར་འདོད། མཚོ་སྔོན་པོའི་བྱང་འབྲོག་རྣམས་ལ་མཚོན་ན་རྫི་བོར་འགྲོ་དུས་ཕལ་ཆེར་མི་གཅིག་པུ་རྫི་བོར་འགྲོ་བ་ལས་མི་འགའི་ལུག་ཁྱུ་གཅིག་འཚོ་བའི་སྲོལ་དེ་མེད་ལ།དེ་བས་ཀྱང་རྫི་ཁྱི་གསོ་བའི་ལུགས་ཤིག་ཀྱང་མེད་དོ།འོན་ཀྱང་ལུག་རྫ་ནས་འབྲོག་པ་འགའ་རེ་སྐོར་སྐོར་བྱས་ནས་ཁ་བརྡ་བྱས་ཏེ་མཉམ་དུ་སྡོད་དུས་ཡོད་ལ།དེ་ནི་མི་འགའི་ལུག་ཁྱུ་གཅིག་འཚོ་བ་མ་ཡིན་ལ།དེ་མིན་བོད་ཁུལ་གྱི་འབྲོག་དམངས་རྣམས་ཀྱི་བཟའ་བཏུང་གཙོ་བོ་ན་ཤ་མར་ཐུལ་གསུམ་གཙོས་དེང་རབས་ཀྱི་བཟའ་བཏུང་དག་པ་སྨྲས་མ་དགོས་པའོ།།
གསུམ་པ།
འཁྲབ་ཁྲིད་པའི་ལྟ་བ།
སྤྱིར་དངོས་བཤུས་གློག་བརྙན་གྱི་བླ་སྲོག་ནི་བདེན་པ་དེ་ཡིན་པས།དྲི་ཞིམ་རྩྭ་ཞེས་པའི་གློག་བརྙན་འདིས་ཁྲོད་ནས་ཀྱང་འཁྲབ་ཁྲིད་པའི་ལྟ་བ་གཙོ་བོ་དེ་བདེན་པ་ལ་གཞི་བཅོལ་ནས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་ལ།བདེན་པ་གང་ཞིག་ལ་གཞི་བཅོལ་ནས་རང་གི་ལྟ་བའི་ངོ་བོ་དེ་བསྟན་ཡོད་ཅེས་ན།དེ་ནི་འཁྲབ་ཁྲིད་པའི་འབྲོག་དམངས་གི་འཚོ་བའི་ཁྲོད་ཀྱི་བདེན་པའི་ངོ་བོ་དང་འབྲོག་པའི་སྙིང་སྟོབས།འབྲོག་པའི་ཞུམ་མེད་ཀྱི་སྤོབས་གདེང་སོགས་ལ་གཞི་བཅོལ་ནས་རང་གི་ནང་སེམས་ཀྱི་ལྟ་བ་དང་འཆར་ཡན་དག་ཕྱི་ལ་མངོན་ཅི་ཐབས་བྱས་ཡོད་པར་བསམ།
བཞི་བ།
བརྙན་མིག་གིས་འཚོ་བ་མཚོན་ཐབས།
དྲི་ཞིམ་རྩྭ་ཞེས་པའི་དངོས་གློག་བརྙན་འདིས་ཁྲོད་དུ་བརྟན་མིག་བཀོལ་ནས་དངོས་ཡོད་གནས་ཚུལ་མཚོན་པའི་ཤུགས་ཆེས་ཆེར་མངོན་ཡོད་ལ།ད་དུང་མཚན་མོར་རི་སྤྱང་དང་དོམ་སྐྱ་སོགས་ལ་བརྙན་ལེན་སྐབས་(手电筒)ལག་སྒྲོན་འོད་ལས་མངོན་པར་བྱས་ཡོད་པ་ནི་འབྲོག་ཡུལ་གྱི་དང་ཆེས་འཚམ་པའི་བརྙན་མིག་ཅིག་ཡིན་པར་འདོད།
ལྔ་བ།
གློག་བརྙན་ངོ་སྤྲོད།
རྒྱ་ཡིག་གི་མིང་།香草
ཕྱི་ཡིག་གི་མིང་།Sweetgrass
ཕབ་སྐྲུན་ས་ཁུལ།ཧྥ་རན་སི།འཇར་མན།དབྱིན་ཇི།
འགྲེམས་སྟོན་དུས་ཚོད། འཇར་མན།2009ལོའི4བའི་ཚེས་24
ཨ་རི།2009ལོའི9བའི་ཚེས26
ཁ་ན་ཏ།2009ལོའི་ཟླ་10བའི་ཚེས2
འཁྲབ་ཁྲིད་པ།ལོའུ་ཞུས་ཨུན.ཁ་ཟི་ཐན-ཐེ་ལུར།
ཕབ་སྐྲུན་པ།ལོའུ་ཞུས་ཨེན.ཁ་ཟི་ཐན-ཐེ་ལུར།
རིང་ཚད། སྐར་མ101
རིགས། ནུབ་རྒྱུད་དངོས་བཤུས།
སྐད་རིགས། དབྱིན་སྐད།
ཁ་དོག ཚོན་མདོག
中文名.香草
别名.香根草
外文名.Sweetgrass
制片地区.法国 德国 英国
上映日期.德国 2009年4月24日
美国 2009年9月26日
加拿大 2009年10月2日
导演.Lucien Castaing-Taylor
制片人.Lucien Castaing-Taylor
时长.101分钟
类型.西部纪录
对白语言.英语
色彩.彩色
下载电影就来比兔TV,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!
Copyright © 2025 比兔TV