完结
[清空]播放记录
ཨི་ཐྲ་ལིའི་ནག་ཚོགས་བར་གྱི་དུད་ནག་ཉོ་འཚོང་གི་ལྗོངས་ཡོངས་ཏེ། ཉོ་མཁན་དང་བཙོང་མཁན། བར་ཁེ་བ་བཅས་ཕྱོགས་གསུམ་གའི་སྣེ་མང་དོན་བརྗོད་དུས་མཉམ་དུ་བསྐྱོད་པའི་མོང་ཐ་ཆིའི་ཐབས་རྩལ་དེ་ནི་ཧ་ཅང་གསར་བ་དང་སྔོན་ཐོན་གྱི་སྐད་བརྡ་ཞིག་ཏུ་མཐོང་བས་གློག་བརྙན་གྱི་ཚད་རིམ་ལ་ཐོན་འདུག་ཅིང་། མི་སྣ་དག་ཀྱང་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་རུ་བཞེངས་སྟེ་གསོན་ཉམས་ཀྱིས་ཕྱུག་ཅིང་རང་གཤིས་མ་འདྲ་བ་རེ་ལྡན་པ། དགའ་བ་དང་སྐྱོ་བ། སྡིག་རྩུབ་དང་སྙིང་རྗེ། ང་རྒྱལ་དང་འུ་ཐུག་སོགས་མི་གཤིས་ཀྱི་ངོས་མང་པོ་མངོན་ཡོང་བས་ན། མི་སྣ་འདི་ནི་ངན་པ་དང་དེ་ནི་བཟང་བོའོ་ཞེས་བཤད་དཀའ་བ་ཞིག་བྱུང་བ་སྟེ། ནག་པོའི་ཉོ་འཚོང་དང་ནག་པོའི་སྦྱོར་བ་སྤེལ་གྱིན་པའི་གཏམ་རྒྱུད་ཅིག་ཡིན་ཙ་ནའང་། མི་ཚང་མར་རང་རང་གི་རྩ་དོན་དང་རང་རང་གི་རྒྱུན་འཁྱོང་ཞིག་ཡོད་པས། ཚང་མར་རང་སྟེང་གི་འགུགས་ཤུགས་སམ་ཡིད་འཕྲོག་པའི་ཆ་རེ་ཡོད་པས། ལེའུ་བརྒྱད་ཀྱི་ནང་དུ་ལྟད་མོ་བར་ཉེ་རིང་ཆགས་སྡང་གི་ཕྱོགས་རིས་འཛིན་ལོང་མི་ཡོང་བར། གླེང་ཧ་ཅང་ཡག་པོ་ཞིག་བསླངས་པ་ལས་གཞུང་མ་གྲོལ་བའི་སྣང་བ་ཞིག་སྟེར་ཅིང་། ད་དུང་མུ་མཐུད་དུ་བལྟ་འདོད་ཀྱི་འདུན་པ་ཀུན་ནས་བསླངས་སོང་མོད། གོ་ཐོས་སུ་དུས་ཚིགས་རྗེས་མ་མེད་པར་བཤད་པས། ཨ་ཤུ་རེ་གོ་བསམ་སོང་།
下载电影就来比兔TV,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!
Copyright © 2025 比兔TV